改则县人力资源和社会保障局公益性岗位空缺招聘公告
- 索引号:xzebb/2022-00033
- 发文字号:
- 发文机构:改则县政务办
- 名 称:改则县人力资源和社会保障局公益性岗位空缺招聘公告
- 公文时效:
- 发布日期:2022-01-13
各乡(镇)党委、政府,县委各部委,政府各局、委、办:
为了充分发挥公益性岗位促进就业困难人员就业,助力乡村振兴的积极作用,根据《西藏自治区公益性岗位开发管理暂行办法》的要求,我县采取公开招聘方式进行竞争上岗,现结合实际制定本实施方案。
一、工作目标
进一步加强公益性岗位开发管理工作,优化就业补助资金支出结构,促进就业困难人员就业,面向社会公开招聘,通过报名、资格审查、面试考察、综合考核评定等方式,择优聘用公益性岗位人员。
二、招聘原则
招聘遵循“公开、平等、竞争、择优”的原则。
三、招聘对象
年龄原则上在18周岁至40周岁之间(1980年1月1日—2002年12月31日出生),拥护党的路线、方针和政策,无违纪违法记录,身体健康。公益性岗位安置对象为具有我区城镇户籍(大中专毕业生不受我区城镇户籍限制)、有劳动能力和就业愿望,办理了《就业失业登记证》且经同级劳动就业服务机构认定符合下列情形之一的就业困难人员。
(一)国有企业关闭破产需要安置的“3545” 人员(指女满35周岁,男满45周岁);
(二)城镇零就业家庭成员;
(三)城镇持《残疾证》的残疾人;
(四)享受城镇居民最低生活保障待遇的人员;
(五)自失业登记之日起连续失业6个月以上未实现就业的城镇失业人员;
(六)军烈属、现役军人配偶、复员退役军人(不包括自主择业的军转干部);
(七)城镇抚养未成年子女的单亲家庭成员;
(八)登记失业的大中专毕业生;
(九)城镇规划区内的被征地失业农牧民。
四、招聘岗位及数量
(一)改则县教体育局(洞措乡小学)
招聘岗位:1名代课老师
(二)改则县农业农村局(牦牛选育场)
招聘岗位:1名驾驶员
(三)改则县农业农村局(扩繁场)
招聘岗位:1名驾驶员
(四)改则县行政审批和便民服务员局
招聘岗位:2名清洁工,1名咨询台引导帮办和12345热线接线员※(需熟练掌握藏汉双语)
(五)改则县委统战部(两个寺管会)
招聘岗位:1名驾驶员。
(六)改则县人民医院
招聘岗位:1名驾驶员
(七)改则县公安局(洞措拉雄公安一级检查站)
招聘岗位:1名后勤工作人员
(八)改则县商务局
招聘岗位:1名收发员 ※(需熟练掌握藏汉双语)
(九)改则县委党史研究和藏语文编译中心
招聘岗位:1名收发员 ※(需熟练掌握藏汉双语
招聘条件:1.遵守国家的法律法规、品行端正、作风正派、无违纪违法记录;
2.户籍限改则籍(城镇);
3.年龄18岁至40岁之间;
4.小学及以上文化水平;
5.懂汉语交流、身体健康、吃苦耐劳;
6.遵守劳动纪律,服从管理;
7.符合九类就业困难人员中的一项。
8.工作期间着装得体。
五、报名事项
1.报名时间:2022年1月20日至2022年1月30日
(上午10:30--13:30,下午 16:00--18:30 )
2.报名地点:改则县人力资源和社会保障局劳动就业服务中心
3.联系电话:18108972522
4.报名材料:1.本人身份证原件、复印件1份;
2.户口簿原件、复印件1份;
3.就业失业证原件、复印件1份(就业失业证必须是在报名前办理的);
4.毕业证原件、复印件1份;
5.其他工作经验及相关技能的证明原件、
6.公安部门出具的无违法违纪证明1份;
7.近期免冠照片2张;
8.大专以上学历人员还需提供学历证书电子
注册备案表和学籍在线验证报告;
9.城市居民家庭成员需提供城镇零就业家庭证明;
10.享受城市居民最低生活保障且失业一年以上的
登记失业人员需提供最低生活保障证明和失业
一年以上证明;
11.就业困难高校毕业生需提供上学期间借贷证明;
12.困难家庭高校毕业生需提供困难证明。
六、资格审查
对报名人员的条件、证明材料等所有相关情况进行资格审查(在报名期间未提交资料的,在资格审查时视为没有,不能再补交),资格审查贯穿整个招聘全过程,任何环节发现报名者不符合招聘条件的,都将取消其资格,并由报名者承担相应的损失和责任。
七、面试要求
对报名人员进行资格审查后,符合招聘条件的报名者将进入面试环节,由改则县人力资源和社会保障局组织相关人员和用人单位对面试人员进行面试考察。
1.面试时间:2022年2月7日上午 10:30
2.面试地点:改则县人力资源和社会保障局三楼会议室
八、招聘方式
1. 如经报名、资格审查及面试考察后,合格人数未超过招聘人数的,按资格审查结果确定招聘人员。
2. 如经报名、资格审查及面试考察后,合格人数超过招聘人数的,采取组织相关人员进行综合考核评定或组织考试等方式确定录用人员;未被录用的人员放入备选人员库中存档,以后招聘时同等条件下优先选用。
3. 如招聘工作结束后,录用岗位有空缺,待以后根据实际情况再行招聘。
九、招聘程序
招聘按照“制定实施方案、网信改则发布实施方案、报名及资格审查、面试考察、综合考核评定或考试、公示录用人员名单、签订公益性岗位劳动合同”等程序进行。
十、组织领导
为确保招聘工作有序开展,特成立招聘工作领导小组,招聘工作领导小组负责招聘过程中各个环节的组织实施及具体落实。
十一、有关要求
1. 岗前培训:报名人员经笔试、面试、公示等流程确定录用后,在正式上岗前,需参加由县人力资源和社会保障局邀请县委党校、县应急管理局、县消防大队开展的爱国主义、民族团结、保密法规、安全生产、消防安全等相关岗前业务培训。
2. 签订合同:报名人员经录用后要与用人单位签订公益性岗位劳动合同,聘用期限为一年。
3. 考核管理:用人单位对聘用人员的工作能力、工作业绩、工作纪律等情况进行严格考核,实行签到考勤制度。对于违反单位工作纪律、无故脱岗和不能胜任工作的公益性岗位人员,可以辞退。被辞退的人员不得再聘用到我县其他公益性岗位。
4. 工资待遇:公益性岗位人员依据有关规定,按照西藏自治区分类最低标准从就业专项资金中享受岗位补贴,缴纳基本养老保险、失业保险和工伤保险的单位应缴部分,个人应缴部分从个人岗位补贴中扣除。
改则县人力资源和社会保障局
2022年1月12日
སྒེར་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སྟོང་པའི་ལས་བསྡུའི་ཇུས་གཞི།
ཤང་(གྲོང་རྡལ)ཁག་གི་ཏང་ཨུད་དང་། སྲིད་གཞུང་། རྫོང་ཨུད་དང་སྲིད་གཞུང་གི་ལས་ཁུངས་ཁག་བཅས་ལ།
སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱིས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་ལ་སྐུལ་འདེད་དང་ཤང་གྲོང་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། 《བོད་རང་སྐྱོང་ལྗོངས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི་བླང་བྱ་གཞིར་བཟུང་། རང་རེའི་རྫོང་གིས་ཡོངས་བསྒྲགས་ལས་བསྡུ་བྱེད་སྟངས་ཐོག་ནས་འགྲན་རྩོད་ལས་ཞུགས་བྱས་ཏེ་ད་ཆ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ཇུས་གཞི་འདི་བཟོས་པ་རེད།
དང་པོ། ལས་ཀའི་དམིགས་ཚད།
སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་ཁ་གསབ་མ་དངུལ་གྱི་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་ལས་ ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོངས་བསྒྲགས་ངང་ལས་བསྡུ་བཅས་བྱས་ཏེ་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ངོ་འཕྲད་རྒྱུགས་ལེན་རྟོག་ཞིབ། ཕྱོགས་བསྡུས་དཔྱད་ཞིབ་དཔྱད་བསྡུར་ སོགས་ཀྱི་བྱེད་ཐབས་བརྒྱུད་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་གི་མི་སྣ་ལེགས་འདེམས་ལས་བསྡུ་བྱེད་རྒྱུ།
གཉིས་པ། ལས་བསྡུའི་རྩ་དོན།
ལས་བསྡུའི་ཐད་ཡོངས་བསྒྲགས་དང་འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་བརྩི་སྲུང་བྱེད་རྒྱུ།
གསུམ་པ། ལས་བསྡུ་བྱ་ཡུལ།
ལོ་ཚོད་ནི་རྩ་དོན་ཐོག་ལོ18ནས་ལོ40བར་ཡིན། (སྐྱེས་ལོ་1980ལོའི་ཟླ1པའི་ཚེས1ནས་2002ལོའི་ཟླ12པའི་ཚེས31ཉིན་བར) ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་བརྩི་བཀུར་བྱེད་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་ཟིན་ཐོ་མེད་ཅིང་གཟུགས་གཞི་བདེ་ཐང་ཡིན་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱ་ཡུལ་ནི་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི(སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་ཚད་བཀག་མི་བྱེད་པ)དང་། ངལ་རྩོལ་ནུས་པ་དང་ལས་ཞུགས་བསམ་འདུན་ཡོད་པ། 《ལས་ཞུགས་ལས་ཤོར་ཐོ་འགོད་ལག་ཁྱེར》གཉེར་བ་མ་ཟད། རིམ་པ་དེ་གའི་ངལ་རྩོལ་ལས་ཞུགས་ཞབས་ཞུའི་ལས་ཁུངས་ཀྱིས་གཤམ་གསལ་གནས་ཚུལ་གྱི་གྲས་དང་མཐུན་པའི་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་གཏན་འཁེལ་བྱས་པ་ཞིག་ཡིན།
(གཅིག)རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་སྒོ་རྒྱག་པ་དང་མ་རྩ་སྟོངས་པར་བཀོད་སྒྲིག་བྱ་དགོས་པའི་3545ཡི་མི་སྣ། (བུད་མེད་རང་ལོ་35ལ་སོན་པ། སྐྱེས་པ་རང་ལོ་45ལ་སོན་པ། )
(གཉིས)གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་གི་ཁོངས་མི།
(གསུམ)གྲོང་ཁྱེར་གྲོང་རྡལ་གྱི《དབང་པོ་སྐྱོན་ཅན་གྱི་ལག་ཁྱེར》ཡོད་པའི་དབང་པོ་སྐྱོན་ཅན།
(བཞི)གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་གི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་མི་སྣ།
(ལྔ)ལས་ཤོར་ཐོ་འགོད་བྱས་པའི་ཉིན་ནས་བཟུང་བསྟུད་མར་ལས་ཀ་ཤོར་ནས་ཟླ་བ་དྲུག་ཡན་སོང་བའི་ལས་ཞུགས་ཐུབ་མེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ།
(དྲུག)དམག་མིའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་། དངོས་ཞབས་དམག་མིའི་བཟའ་ཟླ། དམག་ཞབས་ཐིམས་པའི་དམག་མི། (རང་བརྟེན་ལས་འདེམས་ཀྱི་ལས་སྒྱུར་ལས་བྱེད་པ་ཚུད་མེད་པ་)
(བདུན)གྲོང་ཁྱེར་དང་གྲོང་རྡལ་གྱི་ལོ་ན་མ་སོན་པའི་བུ་ཕྲུག་གསོ་སྐྱོང་བྱེད་མཁན་ཕ་མ་ཡ་ཆགས་ཁྱིམ་མི།
(བརྒྱད)ལས་ཤོར་ཐོ་འགོད་བྱས་པའི་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ།
(དགུ)གྲོང་ཁྱེར་གྲོང་རྡལ་གྱི་འཆར་འགོད་ཁོངས་གཏོགས་ཀྱི་ས་ཆ་བསྡུ་སྤྱོད་བྱས་པའི་ལས་ཤོར་ཞིང་འབྲོག་མང་ཚོགས་བཅས་ཡིན།
བཞི་པ། ལས་བསྡུའི་ལས་གནས་དང་གྲངས་འབོར།
(གཅིག)སྒེར་རྩེ་རྫོང་སློབ་ཁྲིད་ལུས་རྩལ་ཅུད། (དུང་མཚོ་ཤང་སློབ་ཆུང་། )
ལས་བསྡུའི་ལས་གནས། ཚབ་ཁྲིད་དགེ་རྒན་1བསྡུ་རྒྱུ།
(གཉིས)སྒེར་རྩེ་རྫོང་ཞིང་ལས་གྲོང་གསེབ་ཅུད(འབྲི་གཡག་འདེམས་གསོ་བྱེད་ཡུལ་)
ལས་བསྡུའི་ལས་གནས། ཁ་ལོ་བ་1བསྡུ་རྒྱུ།
(གསུམ)སྒེར་རྩེ་རྫོང་ཞིང་ལས་དང་གྲོང་གསེབ་ཅུད། (རྒྱ་སྐྱེད་ར་བ།)
ལས་བསྡུའི་ལས་གནས། ཁ་ལོ་བ་1བསྡུ་རྒྱུ།
(བཞི)སྒེར་རྩེ་རྫོང་སྲིད་འཛིན་ཞིབ་བཤེར་ཆོག་མཆན་དང་དམངས་ཕན་ཞབས་ཞུ་ཅུད།
ལས་བསྡུའི་ལས་གནས། གཙང་སྦྲ་བྱེད་མཁན་2དང་། བློ་འདྲིའི་ལས་སྟེགས་ལས་རོགས་དང་1245ཐད་སྦྲེལ་ཁ་པར་ ལེན་མཁན་ལ་ཁྲིད་སྟོན་བྱེད་མཁན་1བསྡུ་རྒྱུ་(བོད་རྒྱ་སྐད་གཉིས་ཁོང་དུ་ཆུད་པའི་མི། )
(ལྔ)སྒེར་རྩེ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། (དགོན་པའི་དོ་དམ་ཨུ་ལྷན་གཉིས)
ལས་བསྡུའི་ལས་གནས། ཁ་ལོ་བ་1བསྡུ་རྒྱུ།
(དྲུག)སྒེར་རྩེ་རྫོང་མི་དམངས་སྨན་ཁང་།
ལས་བསྡུའི་ལས་གནས། ཁ་ལོ་བ་1བསྡུ་རྒྱུ།
(བདུན)སྒེར་རྩེ་རྫོང་སྤྱི་བདེ་ཅུད། (དུང་མཚོ་ལྷ་གཞུང་སྤྱི་བདེ་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས)
ལས་བསྡུའི་ལས་གནས། རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་མི་སྣ་1བསྡུ་རྒྱུ།
(བརྒྱད)སྒེར་རྩེ་རྫོང་ཚོང་དོན་ཅུད།
ལས་བསྡུའི་ལས་གནས། ཡིག་ཆ་གཏོང་ལེན་པ་1བསྡུ་རྒྱུ་(བོད་རྒྱ་སྐད་ཡིག་གཉིས་ཁོང་དུ་ཆུད་པ་)
(དགུ)སྒེར་རྩེ་རྫོང་ཏང་གི་ལོ་རྒྱུས་ཞིབ་འཇུག་དང་བོད་ཀྱི་སྐད་ཡིག་རྩོམ་སྒྱུར་ལྟེ་གནས།
ལས་བསྡུའི་ལས་གནས། ཡིག་ཆ་གཏོང་ལེན་པ་1བསྡུ་རྒྱུ་(བོད་རྒྱ་སྐད་ཡིག་གཉིས་ཁོང་དུ་ཆུད་པ་)
ལས་བསྡུའི་ཆ་རྐྱེན་ནི། ༡ རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། སྤྱོད་ཚུལ་ལེགས་པ། སྒྲིག་འགལ་ཁྲིམས་འགལ་གྱི་ཟིན་ཐོ་མེད་པ།
༢ སྒེར་རྩེའི་ཐེམ་ཐོ་ཡིན་པ་(གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཁོངས་)
༣ ལོ་18ནས་ལོ་40བར་ཡིན་པ།
༤ སློབ་ཆུང་དང་དེའི་ཡན་གྱི་རིག་གནས་ཆུ་ཚད།
༥ རྒྱ་ཡིག་ཤེས་པ་དང་། གཟུགས་གཞི་བདེ་ཐང་། དཀའ་སྤྱད་སྙིང་རུས།
༦ ངལ་རྩོལ་གྱི་སྒྲིག་ལམ་བརྩི་སྲུང་དང་། དོ་དམ་ལ་བརྩི་སྲུང་ཞུ་དགོས་པ།
༧ ལས་ཞུགས་དཀའ་བའི་རིགས་དགུའི་ཁྲོད་ཀྱི་གྲས་ཤིག་ཡིན་པ།
༨ ལས་ཀ་བྱེད་རིང་གྱོན་ཆས་འཚམ་པོ་གྱོན་པ།
ལྔ་པ། མིང་ཐོ་འགོད་པའི་དོན་ཚན།
༡ མིང་ཐོ་འགོད་པའི་དུས་ཚོད། 2022ལོའི་ཟླ་1ཚེས་20ཉིན་ནས་2022ལོའི་ཟླ་1ཚེས་30ཉིན་བར།
(སྔ་དྲོའི་ཆུ་ཚོད་10:30-13:30 ཕྱི་དྲོའི་ཆུ་ཚོད་16:00-18:30བར་)
༢ མིང་ཐོ་འགོད་ས། སྒེར་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ངལ་རྩོལ་ལས་ཞུགས་ཞབས་ཞུ་ ལྟེ་གནས།
༣ འབྲེལ་གཏུག་ཁ་པར། 18108972522
༤ མིང་ཐོ་འགོད་པའི་ཡིག་རིགས། 1རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་མ་ཡིག་དང་བསྐྱར་དཔར།
2 ཐེམ་ཐོའི་ལག་ཁྱེར་མ་ཡིག་དང་བསྐྱར་དཔར།
3 ལས་ཞུགས་ལས་ཤོར་ལག་ཁྱེར་མ་ཡིག་དང་བསྐྱར་དཔར་ཡིག་ཆ་གཅིག(ལས་ཞུགས་ལས་ཤོར་ལག་ཁྱེར་ངེས་པར་དུ་ཐོ་འགོད་མ་བྱས་སྔོན་ལ་སྒྲུབ་དགོས)
4 སློབ་ཐོན་ལག་ཁྱེར་མ་ཡིག་དང་བསྐྱར་དཔར།
5 ལས་ཀའི་ཉམས་མྱོང་གཞན་དག་དང་འབྲེལ་ཡོད་ནུས་རྩལ་གྱི་ལག་ཁྱེར་མ་ཡིག
6 སྤྱི་བདེ་ཚན་པས་བཏོན་པའི་ཁྲིམས་འགལ་སྒྲིག་འགལ་གྱི་རིགས་མེད་པའི་དཔང་ཡིག
7 ཉེ་ཆར་ཞྭ་མེད་འདྲ་པར་2
8 ཆེད་སྦྱོང་སློབ་གྲྭ་ཆེན་མོ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་མཁན་གྱིས་ད་དུང་སློབ་གཉེར་བརྒྱུད་རིམ་ལག་ཁྱེར་གློག་རྡུལ་ཐོ་འགོད་སྙན་སེང་གི་རེའུ་མིག་དང་སློབ་གྲྭའི་སྐྱིད་སྡུག་གི་དྲ་ཐོག་ར་སྤྲོད་སྙན་ཞུ་མཁོ་མཁོ་འདོན་བྱེད་དགོས།
9 གྲོང་ཁྱེར་གྱི་གྲོང་མིའི་ཁྱིམ་ཚང་ཁོངས་མིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་གི་ངོ་སྤྲོད་ཡི་གེ་མཁོ་འདོན་བྱེད་དགོས།
10 གྲོང་ཁྱེར་གྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱ་རྒྱུ་ཡོད་པ་མ་ཟད་ལས་ཀ་ཤོར་ནས་ལོ་གཅིག་ཡན་སོང་བའི་ཐོ་འགོད་ལས་ཤོར་མི་སྣས་མ་མཐའི་འཚོ་བའི་འགན་སྲུང་དཔང་ཡིག་དང་ལས་ཤོར་ལོ་གཅིག་ཡན་གྱི་དཔང་ཡིགམཁོ་འདོན་བྱ་དགོས།
11 ལས་ཞུགས་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མས་སློབ་གྲྭར་སྐྱོད་རིང་དངུལ་བུན་གཏོང་ལེན་གྱི་དཔང་ཡིག་མཁོ་འདོན་བྱ་དགོས།
12 དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མས་དཀའ་ངལ་ཆེ་བའི་ངོ་སྤྲོད་ཡི་གེ་མཁོ་འདོན་བྱ་དགོས།
དྲུག་པ། ཐོབ་ཐང་ཞིབ་བཤེར།
མིང་ཐོ་འགོད་མཁན་གྱི་ཆ་རྐྱེན་དང་དཔང་རྟགས་དཔྱད་ཡིག་སོགས་འབྲེལ་ཡོད་གནས་ཚུལ་ཚང་མར་ཐོབ་ཐང་ཞིབ་བཤེར་(མིང་ཐོ་འགོད་པའི་རིང་དཔྱད་ཡིག་མ་བསྐྱལ་ཚེ་ཐོབ་ཐང་ཞིབ་བཤེར་བྱེད་སྐབས་རྩིད་མེད་དང་གསབ་སྤྲོད་བྱེད་མི་ཆོག) ཐོབ་ཐང་ཞིབ་བཤེར་དེ་ལས་བསྡུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ལྷུ་ཚིགས་གང་རུང་ཞིག་ཏུ་མིང་ཐོ་འགོད་མཁན་ལས་བསྡུའི་ཆ་རྐྱེན་དང་མི་འཚམ་པ་ཤེས་རྟོགས་བྱུང་ཚེ་དེའི་ཐོབ་ཐང་མེད་པ་བཟོ་རྒྱུ་མ་ཟད། མིང་ཐོ་འགོད་མཁན་གྱིས་དེ་མཚུངས་ཀྱི་གྱོང་གུན་དང་འགན་འཁྲི་འཁུར་དགོས།
བདུན་པ། ངོ་རྒྱུགས་ཀྱི་བླང་བྱ།
མིང་ཐོ་འགོད་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་བྱས་རྗེས་ལས་བསྡུའི་ཆ་རྐྱེན་དང་མཐུན་པའི་མིང་ཐོ་འགོད་མཁན་གྱིས་ངོ་རྒྱུགས་ཀྱི་བརྒྱུད་རིམ་ནང་ཞུགས་ནས་སྒེར་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ཀྱིས་འབྲེལ་ཡོད་མི་སྣ་དང་མི་སྤྱོད་ཚན་པ་སྒྲིག་འཛུགས་བྱས་ཏེ་ངོ་རྒྱུགས་མི་སྣར་རྟོག་ཞིབ་བྱེད་དགོས།
༡ ངོ་འཕྲད་རྒྱུགས་ལེན་ཀྱི་དུས་ཚོད། 2022ལོའི་ཟླ་2ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་10:30
༢ ངོ་འཕྲད་རྒྱུགས་ལེན་བྱེད་གནས། སྒེར་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ཀྱི་ཐོག་བརྩེགས་གསུམ་པའི་ཚོགས་ཁང་།
བརྒྱད་པ། ལས་བསྡུ་བྱེད་སྟངས།
༡ མིང་ཐོ་འགོད་པ་དང་། ཐོབ་ཐང་ལ་ཞིབ་བཤེར་བྱེད་པ། ངོ་འཕྲད་རྒྱུགས་ལེན་ཞིབ་བཤེར་བཅས་བྱས་རྗེས། ཚད་དང་མཐུན་པའི་མི་གྲངས་དེ་མི་བསྡུ་བའི་གྲངས་ལས་བརྒལ་མེད་ན། ཐོབ་ཐང་ལ་ཞིབ་བཤེར་བྱས་འབྲས་ལྟར་མི་བསྡུ་རྒྱུ།
༢ མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ངོ་འཕྲད་རྒྱུགས་ལེན་རྟོག་ཞིབ་བཅས་བྱས་རྗེས། ཚད་མཐུན་མི་གྲངས་ལས་བསྡུའི་མི་གྲངས་ལས་བརྒལ་ན། འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ནས་ཕྱོགས་བསྡུས་ཀྱིས་ཞིབ་དཔྱད་གཏན་འཁེལ་བྱེད་པའམ་ཡང་ན་སྒྲིག་འཛུགས་བྱས་ནས་རྒྱུགས་ལེན་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བསྡུ་ལེན་མི་སྣ་གཏན་འཁེལ་བྱ་རྒྱུ། བསྡུ་ལེན་མ་བྱས་པའི་མི་སྣ་འདེམས་གྲབས་མི་སྣའི་ཁོངས་སུ་བཅུག་ནས་ཡིག་ཚགས་ནང་འཇོག་པ་དང་། རྗེས་སུ་ལས་བསྡུ་བྱེད་སྐབས་ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་འདེམས་སྤྱོད་བྱ་རྒྱུ།
༣ གལ་ཏེ་ལས་བསྡུའི་ལས་ཀ་མཇུག་བསྒྲིལ་རྗེས་བསྡུ་ལེན་ལས་གནས་སྟོང་པ་ཡོད་ཚེ་སླད་ཕྱིན་གནས་ཚུལ་དངོས་ལ་གཞིགས་ཏེ་བསྐྱར་དུ་ལས་བསྡུ་བྱེད་རྒྱུ།
དགུ་པ། ལས་བསྡུའི་གོ་རིམ།
ལས་བསྡུའི་ཐད་ལག་བསྟར་ཇུས་གཞི་བཟོ་བ་དང་། དྲ་ཐོག་ཆ་འཕྲིན་བཟོ་བཅོས་རྒྱག་པ། ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱེད་པ། མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར་བྱེད་པ། ངོ་འཕྲད་རྒྱུགས་ལེན་རྒྱུགས་ལེན་བྱེད་པ། ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བྱེད་པ། ཡིག་རྒྱུགས་གཏོང་བ། བསྡུ་ལེན་མི་སྣའི་མིང་ཐོ་ཡོངས་བསྒྲགས་བྱེད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ངལ་རྩོལ་གན་རྒྱ་འཇོག་པ་སོགས་ཀྱི་གོ་རིམ་ལྟར་ལས་བསྡུ་བྱ་རྒྱུ།
བཅུ་པ། རྩ་འཛུགས་ཀྱི་འགོ་ཁྲིད།
ལས་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད། ལས་བསྡུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ནས་ལས་བསྡུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ལས་བསྡུའི་བརྒྱུད་རིམ་ནང་ལྷུ་ཚིགས་ཁག་གི་སྒྲིག་འཛུགས་ལག་བསྟར་དང་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུའི་འགན་འཁུར་རྒྱུ།
བཅུ་གཅིག འབྲེལ་ཡོད་བླང་བྱ།
༡ ལས་གནས་སུ་མ་ཞུགས་གོང་གི་སྦྱོང་བརྡར། མིང་ཐོ་འགོད་མཁན་གྱིས་ཡིག་ཐོག་རྒྱུགས་ལེན་དང་། ངོ་འཕྲད་རྒྱུགས་ལེན། ཡོངས་བསྒྲགས་སོགས་ཀྱི་ལས་རིམ་བརྒྱུད་དེ་བསྡུ་སྤྱོད་བྱ་རྒྱུའི་གཏན་འཁེལ་བྱས་རྗེས། དངོས་སུ་ལས་གནས་སུ་མ་ཞུགས་གོང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ཀྱིས་རྫོང་ཨུད་ཀྱི་ཏང་གི་སློབ་གྲྭ་དང་། རྫོང་འཕྲལ་སྡོམ་དོ་དམ་ཅུད། རྫོང་མེ་ཟོན་རུ་ཆེན་བཅས་གདན་འདྲེན་ཞུས་ནས་སྤེལ་བའི་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། གསང་སྲུང་ཁྲིམས་སྲོལ། བདེ་འཇགས་ཐོན་སྐྱེད། མེ་ཟོན་བདེ་འཇགས་སོགས་འབྲེལ་ཡོད་ལས་གནས་སུ་མ་ཞུགས་གོང་གི་ལས་སྒོའི་གསོ་སྦྱོང་བྱེད་དགོས།
༢ གན་རྒྱ་འཇོག་པ། མིང་ཐོ་འགོད་མཁན་གྱིས་བསྡུ་ལེན་བྱས་རྗེས་མི་བཀོལ་སྤྱོད་ཚན་པ་དབར་སྤྱི་ཕན་རང་ བཞིན་གྱི་ལས་གནས་ངལ་རྩོལ་གན་རྒྱ་འཇོག་དགོས། ལས་ཡུན་ལོ་གཅིག་ཡིན།
༣ དཔྱད་ཞིབ་དོ་དམ། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ལས་བསྡུས་་མི་སྣའི་ལས་ཀའི་ནུས་པ་དང་། ལས་ཀའི་གྲུབ་འབྲས། ལས་ཀའི་སྒྲིག་ཁྲིམས་སོགས་ཀྱི་གནས་ཚུལ་ལ་དཔྱད་ཞིབ་ནན་པོ་བྱས་ནས་ཐོ་འགོད་དང་བརྟག་དཔྱད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། ཚན་པའི་ལས་ཀའི་སྒྲིག་ཁྲིམས་དང་འགལ་བ་དང་། རྒྱུ་མཚན་མེད་པར་ལས་གནས་ལས་བྲལ་བ། ལས་སྒོ་མི་འཕེར་བ་བཅས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་གི་མི་སྣ་ལས་གནས་ནས་ཕྱིར་ འཐེན་བྱས་ཆོག ལས་གནས་ནས་ཕྱིར་སློག་བྱས་པའི་མི་སྣ་སླར་ཡང་རང་རྫོང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་གཞན་དག་ལ་ལས་བསྡུས་བཀོལ་སྤྱོད་བྱས་མི་ཆོག
༤ གླ་ཕོགས་ཐོབ་ཐང་། སྤྱི་ཕན་རང་བཞིན་གྱི་ལས་གནས་མི་སྣས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་རིགས་དབྱེའི་མ་མཐའི་ཚད་གཞི་ལྟར་ལས་ཞུགས་ཆེད་སྤྱོད་མ་དངུལ་ནང་ནས་ལས་གནས་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་ཚན་པས་འཇལ་དགོས་ངེས་ཀྱི་ཆ་ཤས་རྣམས་མི་སྒེར་གྱིས་འཇལ་དགོས་ངེས་ཀྱི་ཆ་ཤས་དེ་མི་སྒེར་གྱི་ལས་གནས་ཁ་གསབ་ནང་ནས་འཕྲི་འཐེན་བྱེད་དགོས།
སྒེར་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད།
2022ལོའི་ཟླ་1ཚེས་12ཉིན།
编辑:王操
审核:桑中凯
终审:大平措