改则县公安局关于加强无人机等“低慢小”航空器安全管理的通告(藏汉双语)
- 索引号:gzx/2025-00050
- 发文字号:
- 发文机构:改则县人民政府
- 名 称:改则县公安局关于加强无人机等“低慢小”航空器安全管理的通告(藏汉双语)
- 公文时效:
- 发布日期:2025-05-20
改则县公安局关于加强无人机等“低慢小”航空器安全管理的通告
根据《无人驾驶航空器飞行管理暂行条例》、《中华人民共和国治安管理处罚法》、《中华人民共和国民用航空法》,为防范无人机等“低慢小”航空器违法违规飞行滋事肇祸,维护公共安全,保护公民人身、财产合法权益,根据有关法律法规和管理规定,现就加强改则县无人机等“低慢小”航空器安全管理通告如下:
一、本通告所称的“低慢小”航空器是指飞行高度低于120米、飞行速度小于100公里/小时、雷达反射面积小于2平方米的飞行目标,主要包括无人机、轻型和超轻型飞机、轻型直升机、滑翔机、三角翼、滑翔伞、动力伞、热气球、飞艇、航空航天模型、空飘气球、孔明灯等。
二、在改则县行政区域内使用无人机等“低慢小”航空器,须遵守有关法律、法规、规章和管理规定,履行适航资格、飞行资质、计划申报等相关手续。
三、严禁在以下区域的上空飞行无人机等“低慢小”航空器:
(一)民航航路、航线,高速和普通铁路、公路以及水上等交通工具运行沿线、区域;
(二)党政机关、军事管制区、通信、供水、供电、能源供给、危化物品贮存、大型物资储备、监管场所等重点敏感单位、部位及其设施;
(三)大型活动场所、公民聚居区、车站、口岸、广场、公园、景点、商圈、学校、医院等人员密集区域;
四、因现场勘察、施工作业、航空拍摄等工作需要,确需在上述区域飞行无人机等“低慢小”航空器,有规定需提前申报批准的,须按规定获得批准后开展作业。
五、对无人驾驶航空器违法违规飞行活动,公安机关采取以下措施分别处理:
(一)造成重大事故或者严重后果,构成犯罪的,适用《中华人民共和国刑法》有关规定,分别以涉嫌以危险方法危害公共安全罪、过失以危险方法危害公共安全罪、重大飞行事故罪等立案查处。
(二)未构成犯罪的,公安机关首先予以批评劝阻。对不听劝阻,有违反治安管理行为的,适用《中华人民共和国治安管理处罚法》有关规定分别处理。在无人驾驶航空器管理过程中,行为人阻碍人民警察等国家机关工作人员依法执行职务的,依据《中华人民共和国治安管理处罚法》有关规定,以阻碍执行职务予以处罚;以暴力、威胁方法阻碍的,依据《中华人民共和国刑法》有关规定,以涉嫌妨害公务罪立案查处。
六、无人机起飞申请流程以及材料
(一)公司(企业)民用无人驾驶航空器申请备案(以下资料一式两份)
1. 改则县民用无人驾驶航空器飞行申请表
2. 公司(企业)营业执照复印件
3. 公司(企业)法人代表资料
4. 民用无人驾驶航空器操作人员飞行资格执照复印件
5. 民用无人驾驶航空器操作人员身份证复印件
6. 民用无人驾驶航空器机身照片(正面、机身码及二维码照片)
7. 民用无人驾驶航空器起飞安全承诺书
(二)个人民用无人驾驶航空器申请备案(以下资料一式两份)
1.改则县民用无人驾驶航空器飞行申请表
2.民用无人驾驶航空器操作人员身份证复印件
3.民用无人驾驶航空器操作人员飞行资格执照复印件
4.民用无人驾驶航空器保险手续相关材料
5.民用无人驾驶航空器机身照片(正面、机身码及二维码照片)
6.民用无人驾驶航空器起飞安全承诺书
无人机使用人需携带以上资料到改则县公安局治安管理大队申请报备。
地址:改则县公安局
电话:08972653110
改则县公安局
2025年2月19日
སྒེར་རྩེ་རྫོང་སྤྱི་བདེ་ཅུད་ཀྱི་མི་མེད་གནམ་གྲུ་སོགས“འཕུར་དངོས་ཆུང་གྲས”ཀྱི་མཁའ་འགྲུལ་ཡོ་བྱད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་གསལ་བརྡ།
《ཁ་ལོ་བ་མེད་པའི་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས》བཅས་གཞིར་བཟུང་། མི་མེད་གནམ་གྲུ་སོགས“འཕུར་དངོས་ཆུང་གྲས”ཀྱི་མཁའ་འགྲུལ་ཡོ་བྱད་ལ་ཁྲིམས་འགལ་སྒྲིག་འགལ་ངང་འཕུར་སྐྱོད་ཀྱིས་ཟིང་ཆ་སློང་བ་དང་ཆག་སྒོ་སྔོན་འགོག་བྱ་ཆེད་དང་། སྤྱི་པའི་བདེ་འཇགས་སྲུང་སྐྱོང་དང་སྤྱི་དམངས་ཀྱི་མི་ལུས་དང་རྒྱུ་ནོར་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དོ་དམ་གྱི་གཏན་འབེབས་གཞིར་བཟུང་། ད་ལྟ་སྒེར་རྩེ་རྫོང་གི་མི་མེད་གནམ་གྲུ་སོགས“འཕུར་དངོས་ཆུང་གྲས”ཀྱི་མཁའ་འགྲུལ་ཡོ་བྱད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
དང་པོ། བརྡ་ཐོ་འདིའི་ནང་བརྗོད་པའི“འཕུར་དངོས་ཆུང་གྲས”ཞེས་པའི་མཁའ་འགྲུལ་ཡོ་བྱད་ནི་འཕུར་སྐྱོད་མཐོ་ཚད་སྨི་120ལས་དམའ་བ་དང་། འཕུར་སྐྱོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་100ལས་ཐུང་བ། རེག་བརྡའི་ལྡོག་འཕྲོའི་རྒྱ་ཁྱོན་སྨི་ངོས་གྲུ་2ལས་ཆུང་བ་བཅས་ཀྱི་འཕུར་སྐྱོད་ཡོ་བྱད་ལ་ཟེར།དེའི་ནང་གཙོ་བོ་མི་མེད་གནམ་གྲུ་དང་། ཡང་བ་དང་ཆེས་ཡང་བའི་གནམ་གྲུ། ཡང་བའི་ཐད་འཕུར་གནམ་གྲུ། རླུང་འདེད་འཕུར་གྲུ། ཟུར་གསུམ་འཕུར་གྲུ། མཆོངས་གདུགས། སྒུལ་གདུགས། ཚ་རླངས་ལྒང་ཕུག འཕུར་གྲུ། མཁའ་སྐྱོད་འདྲ་བཟོས་གནམ་གྲུ། མཁའ་འཕྱང་རླུང་ལྒང་། ཁུང་མིང་ལྒང་ཞུ་སོགས་ཚུད་ཡོད།
གཉིས་པ། སྒེར་རྩེ་རྫོང་གི་སྲིད་འཛིན་ས་ཁོངས་སུ་མི་མེད་གནམ་གྲུ་སོགས“འཕུར་དངོས་ཆུང་གྲས”ཀྱི་མཁའ་འགྲུལ་ཡོ་བྱད་སྤྱོད་སྐབས་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དོ་དམ་གྱི་གཏན་འབེབས་བཅས་ལ་བརྩི་སྲུང་ཞུས་ནས་མཁའ་འགྲུལ་གྱི་ཐོབ་ཐང་དང་། འཕུར་སྐྱོད་ཀྱི་ཐོབ་ཐང་། འཆར་གཞིའི་སྙན་ཞུ་སོགས་ཀྱི་འབྲེལ་ཡོད་འགྲོ་ལུགས་བཅས་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས།
གསུམ་པ། གཤམ་གསལ་ས་ཁོངས་ཀྱི་བར་སྣང་དུ་མི་མེད་གནམ་གྲུ་སོགས“འཕུར་དངོས་ཆུང་གྲས”ཀྱི་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་བྱེད་རིགས་གཏན་འགོག་བྱ་རྒྱུ་སྟེ།
(གཅིག)དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་ལམ་དང་། མཁའ་ལམ། མྱུར་བགྲོད་གཞུང་ལམ། སྤྱིར་བཏང་གི་ལྕགས་ལམ། གཞུང་ལམ། དེ་བཞིན་ཆུ་ཐོག་སྐྱེལ་འདྲེན་ལ་སོགས་པའི་འགྲིམ་འགྲུལ་ཡོ་བྱད་འཁོར་སྐྱོད་ལམ་རྒྱུད་དང་ས་ཁོངས།
(གཉིས)ཏང་སྲིད་ལས་ཁུངས་དང་། དམག་དོན་དོ་དམ་ཁུལ། འཕྲིན་སྐྱེལ། ཆུ་མཁོ་འདོན། གློག་མཁོ་འདོན། ནུས་ཁུངས་མཁོ་སྤྲོད། ཉེན་ཁ་ཅན་གྱི་དངོས་རྫས་གསོག་ཉར། དངོས་ཟོག་ཆེ་གྲས་གསོག་འཇོག ལྟ་སྐུལ་དོ་དམ་བྱེད་གནས་སོགས་ཀྱི་དམིགས་བསལ་སྡེ་ཚན་དང་གནས་ས་དེའི་གཙོ་བོའི་སྒྲིག་ཆས་བཅས་ཀྱི་ཁུལ།
(གསུམ)བྱེད་སྒོ་སྤེལ་ཡུལ་ཆེ་གྲས་དང་། སྤྱི་དམངས་འདུས་སྡོད་ཁུལ། རླངས་འཁོར་འབབ་ཚུགས། འགག་སྒོ། ཐང་ཆེན། སྤྱི་གླིང་། མཛེས་ལྗོངས་ཁུལ། ཚོང་སྐོར། སློབ་གྲྭ། སྨན་ཁང་སོགས་མི་སྣ་འདུས་ཚད་ཆེ་བའི་ས་ཁོངས།
བཞི་པ། ལས་ཡུལ་དངོས་ལ་རྩད་ཞིབ་དང་། ཨར་ལས་བྱེད་པ། མཁའ་འགྲུལ་པར་རྒྱག་སོགས་ཀྱི་ལས་ཀའི་དགོས་མཁོའི་རྐྱེན་གྱིས་གོང་གསལ་ས་ཁོངས་སུ་མི་མེད་གནམ་གྲུ་སོགས“འཕུར་དངོས་ཆུང་གྲས”ཀྱི་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་བྱེད་དགོས་རིགས་ལ་གཏན་འབེབས་ལྟར་སྔོན་ལ་སྙན་སེང་ཆོག་མཆན་ཐོབ་དགོས་པར། གཏན་འབེབས་ལྟར་ཆོག་མཆན་ཐོབ་རྗེས་ལས་སྒྲུབ་བྱ་དགོས།
ལྔ་པ། ཁ་ལོ་བ་མེད་པའི་མཁའ་འགྲུལ་ཡོ་བྱད་ཁྲིམས་འགལ་སྒྲིག་འགལ་གྱིས་འཕུར་སྐྱོད་བྱེད་པའི་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་དེ་སོ་སོར་ཐག་གཅོད་བྱ་རྒྱུ་སྟེ།
(གཅིག)ལས་འཛོལ་ཚབས་ཆེན་བཟོས་པའམ་ངན་འབྲས་ཚབས་ཆེན་བྱུང་ནས་ཉེས་ཚད་ལོན་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་སྤྱད་ཏེ། ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་སྤྱིའི་བདེ་དོན་ལ་གནོད་འཚེ་བཏང་བའི་དོགས་ཡོད་བྱས་ཉེས་དང་། ཉེན་ཆེའི་བྱེད་ཐབས་ལ་བརྟེན་ནས་སྤྱིའི་བདེ་དོན་ལ་གནོད་འཚེ་བཏང་བའི་ལས་འཛོལ་གྱི་བྱས་ཉེས། འཕུར་སྐྱོད་ལས་འཛོལ་ཚབས་ཆེན་བྱུང་བའི་བྱས་ཉེས་སོགས་གྱོད་ཐོ་བཀོད་ནས་ཞིབ་གཅོད་བྱ་རྒྱུ།
(གཉིས)ཉེས་ཚད་ལོན་མེད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་སྔོན་ལ་སྐྱོན་བརྗོད་དང་བཀག་སྡོམ་བསླབ་བྱ་བྱ་རྒྱུ། བཀག་སྡོམ་བསླབ་བྱར་མ་ཉན་པར་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཡོད་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ཁག་སོ་སོར་སྤྱད་ནས་ཐག་གཅོད་བྱེད་རྒྱུ། ཁ་ལོ་བ་མེད་པའི་མཁའ་འགྲུལ་ཡོ་བྱད་ལ་དོ་དམ་བྱེད་པའི་བརྒྱུད་རིམ་ཁྲོད་བྱ་སྤྱོད་སྤེལ་མཁན་གྱིས་མི་དམངས་ཉེན་རྟོག་པ་སོགས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་བཀག་འགོག་བྱས་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལས་འགན་སྒྲུབ་པར་བཀག་འགོག་བྱེད་པ་དང་། དྲག་ཤུགས་དང་འཇིགས་སྐུལ་བྱེད་ཐབས་ལ་བརྟེན་ནས་བཀག་འགོག་བྱས་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱས་ཉེས་བསགས་པའི་དོགས་ཡོད་གྱོད་གཞི་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ།
དྲུག་པ། མི་མེད་གནམ་གྲུ་འཕུར་སྐྱོད་བྱེད་པའི་རེ་ཞུའི་བརྒྱུད་རིམ་དང་རྒྱུ་ཆ།
(གཅིག)ཀུང་སི(ཁེ་ལས)ཀྱི་ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ལ་འཕུར་སྐྱོད་རེ་ཞུ་ཐོ་འགོད་བྱེད་པར་གཤམ་གྱི་དཔྱད་ཡིག་གཅིག་མཚུངས་བྱས་པ་གཉིས་ཡོད་དགོས)
1.སྒེར་རྩེ་རྫོང་གི་ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་རེ་ཞུའི་རེའུ་མིག
2.ཀུང་སི(ཁེ་ལས)ཀྱི་ལས་གཉེར་ལག་ཁྱེར་གྱི་བསྐྱར་དཔར།
3.ཀུང་སི(ཁེ་ལས)ཀྱི་ཁྲིམས་ཚབ་མི་སྣའི་དཔྱད་གཞིའི་ཡིག་རིགས།
4.ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་བཀོལ་སྤྱོད་བྱེད་མཁན་གྱི་འོས་ཐོབ་ལག་ཁྱེར་གྱི་བསྐྱར་དཔར།
5.ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་བཀོལ་སྤྱོད་བྱེད་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར།
6.ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་གནམ་གྲུའི་འདྲ་པར(མདུན་ངོས་དང་། གནམ་གྲུའི་ཨང་རྟགས་དང་དེ་བཞིན་རྩ་གཉིས་ཨང་རྟགས་ཀྱི་པར)
7.ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་བདེ་འཇགས་ཁས་ལེན་ཡི་གེ
(གཉིས)མི་སྒེར་གྱི་ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་ཐོ་འགོད་རེ་ཞུ(གཤམ་གྱི་དཔྱད་ཡིག་གཅིག་མཚུངས་བྱས་པ་གཉིས་ཡོད་དགོས)
1.སྒེར་རྩེ་རྫོང་གི་ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་བྱ་རྒྱུའི་རེ་འདུན་ཞུ་ཡིག
2.ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་བཀོལ་སྤྱོད་བྱེད་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར།
3.ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་བཀོལ་སྤྱོད་བྱེད་མཁན་གྱི་འཕུར་སྐྱོད་འོས་ཐོབ་ལག་ཁྱེར་གྱི་བསྐྱར་དཔར།
4.ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་འགན་བཅོལ་འགྲོ་ལུགས་གཉེར་བའི་འབྲེལ་ཡོད་རྒྱུ་ཆ།
5.ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་གནམ་གྲུའི་འདྲ་པར(མདུན་ངོས་དང་། གནམ་གྲུའི་ཨང་རྟགས་དང་དེ་བཞིན་རྩ་གཉིས་ཨང་རྟགས་ཀྱི་པར)
6.ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་བདེ་འཇགས་ཁས་ལེན་ཡི་གེ
མི་མེད་གནམ་གྲུ་སྤྱོད་མཁན་གྱིས་གོང་གསལ་གྱི་དཔྱད་གཞིའི་ཡིག་རིགས་ཁྱེར་ནས་སྒེར་རྩེ་རྫོང་སྤྱི་བདེ་ཅུད་བདེ་འཇགས་དོ་དམ་རུ་ཆེན་ལ་རེ་ཞུ་ཐོ་འགོད་བྱེད་དགོས།
ས་གནས། སྒེར་རྩེ་རྫོང་སྤྱི་བདེ་ཅུད་
ཁ་པར། ༠༨༩༧༢༦༥༣༡༡༠
སྒེར་རྩེ་རྫོང་སྤྱི་བདེ་ཅུད།
༢༠༢༥ལོའི་ཟླ་༢ཚེས་༡༩ཉིན།
来源:平安改则微信公众号