关于改则县第十三届人民代表大会第八次会议财政类第1号代表意见建议的答复(藏汉)

  • 索引号:gxxhbj/2026-00000
  • 发文字号:
  • 发文机构:改则县生态环境局
  • 名 称:关于改则县第十三届人民代表大会第八次会议财政类第1号代表意见建议的答复(藏汉)
  • 公文时效:
  • 发布日期:2026-10-16

关于改则县第十三届人民代表大会第八次会议财政类第1号代表意见建议的答复

སྒེར་རྩེ་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བརྒྱད་པའི་

ནོར་སྲིད་རིགས་ཀྱི་ཐེངས་དང་པོའི་འཐུས་མིའི་བསམ་འཆར་དང

གྲོས་འགོའི་སྐོར་གྱི་ལན་འདེབས།


改则镇桑嘎等4名代表:

སྒེར་རྩེ་གྲོང་རྡལ་སངས་སྐར་སོགས་འཐུས་མི་བཞི་ལ།

关于《适当调整生态岗位准入标准,结合实际困难综合研判,避免“唯收入论”;每年年初下发生态岗位相关工作文件,明确年度工作要求、申报流程及审核标准,为基层提前谋划、高效推进工作提供政策依据》建议已收悉,现答复如下:

《སྐྱེས་ཁམས་ལས་གནས་ཀྱི་ཆོག་འཐུས་ཚད་གཞི་ལེགས་སྒྲིག་འོས་འཚམ་བྱེད་པ་དང་། དཀའ་ངལ་དངོས་དང་ཟུང་འབྲེལ་གྱིས་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་གཅོད་པ།“ཡོང་འབབ་ཁོ་ནར་འཛིན་པའི”གནས་ཚུལ་མི་ཡོང་བ་དང་། ལོ་རེའི་ལོ་འགོར་སྐྱེས་ཁམས་ལས་གནས་ཀྱི་འབྲེལ་ཡོད་ལས་ཀའི་ཡིག་ཆ་འགྲེམས་སྤེལ་བྱས་ནས་ལོ་འཁོར་གྱི་ལས་ཀའི་བླང་བྱ་དང་སྙན་ཞུའི་བརྒྱུད་རིམ།ཞིབ་བཤེར་ཚད་གཞི་བཅས་ཁ་གསལ་བཟོས་ཏེ་གཞི་རིམ་གྱིས་སྔོན་ལ་ཇུས་འགོད་དང་ལས་དོན་ལ་སྐུལ་འདེད་ནུས་ཆེའི་ངང་སྲིད་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་》ཞེས་པའི་གྲོས་འགོ་འབྱོར་བ་དང་ད་ལྟ་ལན་འདེབས་བྱ་རྒྱུ་གཤམ་གསལ་ལྟར་།

关于生态岗位准入标准优化问题,我分局将严格按照自治区、阿里地区生态岗位管理相关政策要求,不再单一以收入作为审核依据,结合群众家庭劳动力、实际困难、生态管护履职意愿等情况综合研判、精准分配,确保生态岗位落实到最需要、最适合的群众。

སྐྱེས་ཁམས་ལས་གནས་ཀྱི་ཆོག་འཐུས་ཚད་གཞི་ལེགས་སུ་གཏོང་བའི་གནད་དོན་ཐད་རང་རེའི་ཡན་ལག་ཅུས་ཀྱིས་རང་སྐྱོང་ལྗོངས་དང་མངའ་རིས་ས་ཁུལ་གྱི་སྐྱེས་ཁམས་ལས་གནས་དོ་དམ་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་གཞིར་བཟུང་ནན་པོ་བྱས་ཏེ་ཡོང་འབབ་ཁོ་ན་ཞིབ་བཤེར་གྱི་གཞི་འཛིན་སར་མི་བརྩི་བར་མང་ཚོགས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་དང་། དཀའ་ངལ་དངོས་དང་སྐྱེས་ཁམས་དོ་དམ་སྲུང་སྐྱོང་གི་འགན་འཁྲི་སྒྲུབ་པའི་འདོད་མོས་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་སྐྱེས་ཁམས་ལས་གནས་དེ་དགོས་མཁོ་ཆེ་ཤོས་དང་འཚམ་ཤོས་ཀྱི་མང་ཚོགས་ལ་དོན་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན་།

关于年初下发工作文件问题,2026年初,我分局印发生态岗位年度甄选通知,明确岗位设置、申报流程、审核标准、履职要求及考核办法,同步下发至各乡(镇)、村(社区),为基层提前谋划、高效推进生态岗位工作提供清晰政策依据与操作指引。

ལོ་འགོར་ལས་ཀའི་ཡིག་ཆ་འགྲེམས་སྤེལ་བྱེད་པའི་གནད་དོན་སྐོར་ལ། 2026ལོའི་ལོ་འགོར་རང་རེའི་ཡན་ལག་ཅུས་ཀྱིས་སྐྱེས་ཁམས་ལས་གནས་ཀྱི་ལོ་འཁོར་ཞིབ་འབྱེད་བརྡ་ཐོ་པར་འགྲེམས་བྱས་ནས་ལས་གནས་བཀོད་སྒྲིག་དང་། རེ་ཞུའི་བརྒྱུད་རིམ།ཞིབ་བཤེར་ཚད་གཞི། འགན་འཁྲི་སྒྲུབ་པའི་བླང་བྱ། དཔྱད་ཞིབ་བྱ་ཐབས་བཅས་ཁ་གསལ་བཟོས་ཏེ་ཤང་(གྲོང་རྡལ)དང་གྲོང་ཚོ་(སྡེ་ཁུལ)ཁག་ལ་དུས་གཅིག་ཏུ་འགྲེམས་སྤེལ་བྱས་ནས་གཞི་རིམ་གྱིས་སྐྱེས་ཁམས་ལས་གནས་ཀྱི་ལས་དོན་སྔོན་ལ་ཇུས་འགོད་དང་ནུས་ཆེའི་ངང་སྐུལ་འདེད་གཏོང་ཆེད་སྲིད་ཇུས་ཀྱི་གཞི་འཛིན་ས་དང་བཀོལ་སྤྱོད་མཛུབ་ཁྲིད་ཁ་གསལ་བྱས་ཡོད་།



阿里地区生态环境局改则分局

2026年6月8日

མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་སྒེར་རྩེ་ཡན་ལག་ཅུས།

༢༠༢༦ལོའི་ཟླ་༦ཚེས་༨ཉིན་